Skip to main contentSkip to footer

༈ བོད་ཀྱི་ལེགས་བྱང་སྲུང་སྐྱོབ་དང་། མི་སྒེར་གྱི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་སྤེལ། བྱམས་བརྩེས་ཞབས་ཞུ་བསྒྲུབ་རྒྱུ་བཅས་ཡིན།

ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནི་ཁེ་ན་ཌའི་དབུས་གཞུང་ལ་ཁེ་མེད་དང་དགེ་རྩ་ཚོགས་པའི་དེབ་སྐྱེལ་བྱས་པ་ཞིག་ཡིན་ཞིང་། དེ་ཡང་བོད་ཀྱི་ལེགས་བྱང་དང་ནང་ཆོས་སྲུང་སྐྱོབ་དང་དར་སྤེལ། ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན། འགྲོ་བ་མིའི་བཟང་སྤྱོད་དང་འགན་ཁུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས། ཁེ་ན་ཌ་གཙོས་པའི་ས་གནས་གཞན་དུ་བོད་པའི་སྤྱི་ཚོགས་ཡར་རྒྱས་དང་སྲ་བརྟན་གཏོང་རྒྱུ་བཅས་ལ་དམིགས་པ་ཞིག་ཡིན།

ལས་གཞིའི་དགོས་དམིགས།

ང་ཚོས་གཅེས་ཉར་བྱེད་པ།

བོད་ཀྱི་ལེགས་བྱང་།

༈ བོད་ཀྱི་རིག་གཞུང་དང་། སྐད་ཡིག ནང་ཆོས། གོམ་སྲོལ་བཟང་པོ་བཅས་སྲུང་སྐྱོབ་དང་དར་སྤེལ་བཏང་ནས། དེ་དག་མ་འོངས་པའི་མི་རབས་གསར་པ་རྣམས་ལ་བརྒྱུད་སྤྲོད་དང་སྐུལ་ལྕག་ཐེབས་རྒྱུར་འབད་བརྩོན་ཞུ་རྒྱུ།

ང་ཚོས་ཤེས་ཡོན་སྤྲོད་པ།

ཡོངས་འདུས་ཤེས་ཡོན།

༈ ལས་གཞིའི་བརྒྱུད་ནས། སྐད་ཡིག་དང་། གནའ་དེང་གི་ཤེས་བྱ། བརྡ་ཕྲིན་ཤེས་བྱ། དེ་བཞིན་སྤྱིར་ཤེས་བཅས་ཕྱོགས་ཡོངས་ཀྱི་ཤེས་ཡོན་མཁོ་སྤྲོད་ཀྱིས། མི་སྒེར་དང་སྤྱི་ཚོགས་ཀྱི་ཤེས་ཡོན་སློབ་གསོ་གོང་འཕེལ་གཏོང་རྒྱུ།

ང་ཚོས་དར་སྤེལ་གཏོང་བ།

འགྲོ་བ་མིའི་རིན་ཐང་།

༈ ནང་ཆོས་དང་སྲོལ་རྒྱུན་གྱི་གོམས་སྲོལ་བཟང་པོ་རྣམས་ཀྱི་ལེགས་ཆ་བླངས་ཏེ། བྱམས་བརྩེ་དང་། དྲན་ཤེས། བཟང་སྤྱོད། སྤྱི་ཚོགས་ཀྱི་འགན་འཁྲི་སོགས་འགྲོ་བ་མིའི་འགན་ཁུར་དང་བཟང་སྤྱོད་ཁྱབ་སྤེལ་ཞུ་རྒྱུ།

ང་ཚོས་སྲ་བརྟན་གཏོང་བ།

ནུས་པ་ལྡན་པའི་སྤྱི་ཚོགས།

༈ ལས་འཆར་དང་། མཉམ་ལས། དེ་བཞིན་ལས་གཞི་ཁག་བརྒྱུད་ནས་སྤྱི་ཚོགས་སྲ་བརྟན་དང་། ཡར་རྒྱས། ཁེ་ན་ཌ་གཙོས་པའི་ས་གནས་གཞན་གྱི་སྤྱི་ཚོགས་དང་མི་སྒེར་གྱི་ནུས་སྟོབས་ཡར་རྒྱས་ཡོང་བར་འབད་བརྩོན་ཞུ་རྒྱུ། 

ང་ཚོའི་ལངས་ཕྱོགས་དང་དམིགས་ཡུལ།

ང་ཚོས་བོད་ཀྱི་སྐད་ཡིག་དང་ལེགས་བྱང་གཅེས་ཉར་དར་སྤེལ་བྱེད་པ་དང་ཆབས་ཅིག ཤེས་ཡོན་སློབ་གསོ། སྤྱི་ཚོགས་ཡར་རྒྱས་ཀྱི་ལས་འགུལ་བཅས་བརྒྱུད་ནས་མི་སྒེར་གྱི་གནས་ཚད་ཡར་རྒྱས་ཡོང་བར་ལམ་སྟོན་སྦྱོང་བརྡར་དང་། ༸གོང་ས་མཆོག་གི་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་གྱི་དགོངས་གཞི་ལྟར་དང་ལས་གཞི་རྣམས་བསམ་སྤྱོད་ཡར་རྒྱས་དང་། རང་གི་ཪིན་ཐང་དང་རང་ངོ་ཤེས་པའི་ཐབས་ལམ། ཤེས་འདོད་ཀྱི་བསམ་བློ། དེ་བཞིན་རིག་གཞུང་ཕན་ཚུན་སྤེལ་རེས་བཅས་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུ་ཡིན།

ཁྱེད་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་ཁྱད་པར་བཟོ་ཐུབ།

༈ མི་སྒེར་གྱི་ཤེས་ཡོན་སློབ་གསོའི་གནས་ཚད་ཡར་རྒྱས་དང་། སྤྱི་ཚོགས་ནང་དོན་སྙིང་ལྡན་པའི་ལས་དོན་བསྒྱུབ་རྒྱུ། 

དེང་རབས་ཀྱི་བརྡ་འཕྲིན་དང་དྲ་ལམ་གྱི་མཐུན་རྐྱེན་བརྒྱུད། སྐད་ཡིག་དང་། ལེགས་བྱང་། ནང་ཆོས། ཤེས་ཡོན་། སྤྱི་ཚོགས་ཞབས་ཞུ། སེམས་ཁམས་འཕྲོད་བསྟེན་སློབ་གསོ། དེ་བཞིན་ཁེ་ན་ཌའི་གཙོས་པའི་ས་གནས་གཞན་ནང་དར་རྒྱས་དང་འཐུས་སྒོ་ཚང་བའི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན།

ཁྱེད་ཀྱི་ནུས་རྩལ་དང་། དགོངས་ཚུལ། མཐུན་རྐྱེན་བཅས་ཀྱི་ལམ་ནས་ང་ཚོའི་ལས་དོན་ནང་མཉམ་ཞུགས་གནང་རོགས།

དང་བླངས་ཞབས་ཞུ་དང་། ཚོགས་མིར་འཛུལ་ཞུགས། ཡང་ན་ཐབས་བྱུས་མཉམ་ལས་ཀྱི་འབྲེལ་ལམ་བརྒྱུད་ནས་ང་ཚོའི་སྤྱི་ཚོགས་སྲ་བརྟན་དུ་གཏོང་ཐུབ། ཞལ་འདེབས་ཆེ་ཆུང་ལ་མ་ལྟོས་པར་ཁྱེད་ཀྱི་རོགས་རམ་རེ་རེས་ང་ཚོའི་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་གཞི་རྣམས་རྒྱུན་འཁྱོངས་བྱེད་པར་གལ་ཆེའི་ནུས་པ་དང་ཁྱད་པར་བཟོ་ཐུབ་ཀྱི་ཡོད།

༈ ཁྱེད་ཀྱི་ལག་རྩལ་དང་། དགོངས་ཚུལ། མཐུན་འགྱུར་རོགས་རམ་བཅས་ཀྱི་ལམ་ནས་ང་ཚོའི་ལས་དོན་ནང་མཉམ་ཞུགས་གནང་རོགས།

དང་བླངས་ཞབས་ཞུ་དང་། ཚོགས་མིར་འཛུལ་ཞུགས། ཡང་ན་ཐབས་བྱུས་མཉམ་ལས་ཀྱི་འབྲེལ་ལམ་བརྒྱུད་ནས་ང་ཚོའི་མི་སྒེར་ཤེས་ཡོན་དང་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་དང་། ཞལ་འདེབས་ཆེ་ཆུང་ལ་མ་ལྟོས་པར་ཁྱེད་ཀྱི་རོགས་རམ་རེ་རེས་ང་ཚོའི་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་གཞི་རྣམས་རྒྱུན་འཁྱོངས་བྱེད་པར་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད།