
༄༅།། ལྷག་བསམ་མཚུངས་མེད་བོད་ཀྱི་སྐད་ཡིག་དང་ཆོས་རིག་དོན་གཉེར་ཅན་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ། ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནི་ཁེ་ན་ཌར་གཞུང་འབྲེལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་མེད་དགེ་རྩའི་ཚོགས་པ་ཞིག་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན།
དེང་སྐབས་དྲ་ལམ་གྱི་མཐུན་རྐྱེན་སྟབས་བདེ་ལ་བརྟེན། ང་ཚོས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡ (རེས་གཟའ་སྤེན་པ) ཉིན་ནས་བཟུང་། དར་མ་དང་གཞོན་སྐྱེས་ཚོའི་ཆེད་དུ་ “དྲ་ཐོག་བོད་ཡིག་དང་རིག་གཞུང་དེ་བཞིན་ནང་ཆོས་བཅས་ཀྱི་འཛིན་གྲྭ” གསར་དུ་དབུ་འཛུགས་ཞུ་རྒྱུ་ཡིན།
ད་ལྟའི་ཆར་ས་གནས་ཀྱི་ཆུ་ཚོད་མི་འདྲ་བའི་རྐྱེན་གྱིས་ད་ཡོད་འཛིན་གྲྭར་མཉམ་ཞུགས་མ་ཐུབ་མཁན་ཚོར་གོ་སྐབས་འདི་ཡང་བསྐྱར་བསྐྲུན་པ་ཡིན་པས། རྩ་ཆེའི་གོ་སྐབས་འདི་དམ་འཛིན་གྱིས་འཛུལ་ཞུགས་གང་མང་གནང་བར་ཞུ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་ཞེས་ཁ་དབྱངས་སྙན་པོ་ཙམ་མ་ཡིན་པར་རང་ཉིད་ནས་འགོ་བཙུགས་ཏེ་དངོས་སུ་ལག་བསྟར་གནང་རྒྱུ་དུས་ལ་སླེབས་ཡོད་ཅིང་། མི་རིགས་ཀྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུ་དེ་ང་ཚོའི་འདོར་དུ་མེད་པའི་ཐུན་མོང་གི་འོས་འགན་ཡིན།
མཉམ་ཞུགས་ཆ་རྐྱེན།
- ཁེ་ན་ཌ་དང་བྱང་ཨ་རིའི་ས་གནས་ཁག་ནས་ང་ཚོའི་འཛིན་གྲྭའི་དུས་ཚོད་དང་མཐུན་ཚེ་མིང་ཐོ་འགོད་ཆོག
- སློབ་མ་རྣམས་བོད་ཡིག་འབྲི་ཀློག་གི་རྨང་གཞི་ཡོད་མཁན་ཡིན་དགོས།
- ཐོ་འགོད་གནང་མཁན་སློབ་མ་ ༡༠ ཡན་བྱུང་ན་འཛིན་གྲྭ་དངོས་སུ་འགོ་འཛུགས་རྒྱུ་ཡིན།
- སློབ་དོད་འཛིན་གྲྭ་རེར་ལ་ཁེ་སྒོར་ ༥ རེ་ཡིན།
སློབ་ཁྲིད་གནང་མཁན་དགེ་རྒན། དགེ་བཤེས་ཡེ་ཤེས་དགའ་བ་ལགས་ནི་འབྲས་སྤུངས་བློ་གསལ་གླིང་དང་རིགས་ལམ་སློབ་གཉེར་ཁང་དུ་མི་ལོ་ཉི་ཤུ་ལྷག་གི་རིང་བོད་ཡིག་དང་གཞུང་ཆེན་ལ་སློབ་གཉེར་གནང་སྟེ། དགེ་བཤེས་ཐོན་རྗེས་དྷ་སར་ཡོད་པའི་ནོར་གླིང་དུ་༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་པ་དང་ཡིག་སྒྱུར་བའི་ཞབས་ཞུ་ལོ་བདུན་ཙམ་དང་། ཞོར་དུ་དགེ་རྒན་གྱི་ལས་ཁུར་ཡང་ཞུ་མྱོང་། དེ་རྗེས་ལོ་ངོ་དྲུག་ཙམ་གྱི་རིང་ཡུ་རོབ་ཅེག་ཁེ་རྒྱལ་ས་པཱ་རཱ་ནང་ཡོད་པའི་བོད་ཁང་གི་འགན་འཛིན་དང་བོད་དགེ་དང་ཆོས་དགེ་གཅིག་ལྕོག་གནང་བ་དང་། དེ་བཞིན་ཐེ་ཝན་ནང་སློབ་སྦྱོང་གནང་ཞོར་ནང་ཆོས་དང་བོད་ཡིག་སློབ་ཁྲིད་ཀྱང་གནང་མྱོང་། མདོར་ན། དགེ་བཤེས་ལགས་ནི་ལོ་མང་རིང་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་ཁྲིད་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ཡིན།
འཛིན་གྲྭའི་གནས་ཚུལ་སྙིང་བསྡུས།
- འགོ་འཛུགས་དུས་ཚོད། ༢༠༢༦ ཕྱི་ཟླ་ ༨ ཚེས་ ༡ ཉིན། (རེས་གཟའ་སྤེན་པ་དང་ཉི་མའི་དགོང་དྲོ་ཆུ་ཚོད་ ༧:༣༠ ནས་ ༨:༣༠ བར།)
- འཛིན་གྲྭའི་དུས་ཡུན། ཟླ་བ་གསུམ། (ཕྱི་ཟླ་ ༨ པ་ནས་ ༡༠ པ་བར།)
- སློབ་ཁྲིད་བྱེད་ཐབས། དྲ་ཐོག་ (Google Classroom / Google Meet)
- ཐོ་འགོད་དུས་བཀག ༢༠༢༦ ཕྱི་ཟླ་ ༧ ཚེས་ ༣༡ བར།
- ཐོ་འགོད་འགེངས་ཤོག https://forms.gle/qXtuP5vWe7sBARwZ6
- ཐུགས་རྗེ་ཆེ་ཞུ། ལས་གཞི་འདིར་རོགས་དངུལ་གནང་མཁན་ “བོད་ཀྱི་ཐེབས་རྩ་”ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༠ ཉིན།
འབྲེལ་གཏུག་མི་སྣ། ངག་དབང་རབ་རྒྱས་དང་བསྟན་འཛིན་བསམ་གཏན།
ཁ་པར་ཨང་། 437-800-2488
གློག་འཕྲིན། [email protected]

