༈ བློ་སྦྱོང་ཚིག་བརྒྱད་མ་ཉིན་རེའི་འཚོ་བའི་ནང་ཉམས་ལེན་བྱེད་སྟངས་སྐོར་དྲྭ་ཐོག་སློབ་ཁྲིད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གསལ་བསྒྲགས།
༄༅། ། བག་ཡོད་ཚུལ་མཐུན་དང་བྱམས་བརྩེའི་བློ་སྦྱོང་དོན་དུ་གཉེར་མཁན་རྣམས་ལ་གསལ་བསྒྲགས་ཞུ་རྒྱུར།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། ཤེས་ཡོན། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་སྣ་མང་སྒྲུབ་བཞིན་ཡོད་ཅིང་། དེང་གི་དུས་སུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནང་ཆོས་ངོ་སྤྲོད་དང་། ལྷག་པར་དུ་བྱམས་བརྩའི་བློ་སྦྱོང་དང་ནང་ཆོས་ཀྱི་སེམས་ཁམས་འཕྲོད་བསྟེན་སློབ་གསོ་ལ་དོ་སྣང་དང་དགོས་མཁོ་ཆེན་པོ་ཡོད་པར་བརྟེན། འབྲས་བློ་གླིང་གྲགས་པ་དགེ་བཤེས་ལྷ་རམས་པ་ངག་དབང་སྐལ་བཟང་མཆོག་གདན་ཞུས་ཀྱིས་ 「བློ་སྦྱོང་ཚིག་བརྒྱད་མ་」 ཤེས་ཡོན་སློབ་ཁྲིད་ཀྱི་ངོ་བོའི་ཐོག་དྲྭ་ཐོག་སློབ་ཁྲིད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གོ་སྒྲིག་ཞུ་རྒྱུ་ཡིན་པས། དོན་གཉེར་ཅན་རྣམས་རྩ་ཆེའི་གོ་སྐབས་འདི་དམ་འཛིན་གྱིས་ཐོ་འགོད་དང་འཛུལ་ཞུགས་གནང་བར་དགའ་བསུ་ཞུ། མཉམ་ཞུགས་གནང་མཁན་གྱི་གྲངས་འབོར་ལ་ཚད་བཀག་ཡོད་པས། སུ་སྔོན་ལ་ཐོ་འགོད་གནང་མཁན་ལ་སྔོན་ཐོབ་ཀྱི་གོ་སྐབས་འབུལ་རྒྱུ་ཡིན།།
ལས་རིམ་གྱི་ནང་དོན། སློབ་ཁྲིད། ཉིན་རེར་ “བློ་སྦྱོང་ཚིག་བརྒྱད་མའི་” ཤོ་ལོ་ཀ་རེ་ལ་སྐར་མ་ ༣༠ རིང་སློབ་ཁྲིད།
དྲི་བ་དྲིས་ལན། བརྗོད་གཞི་དང་འབྲེལ་བའི་སྐོར་ལ་སྐར་མ་ ༣༠ རིང་དྲི་བ་དྲིས་ལན།
ཟླ་ཚེས། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༥ དང་ ༦ ཉིན་གྱི་གཟའ་སྤེན་པ་དང་ཉི་མ་ནས་འགོ་འཛུགས་ཀྱིས་བློ་སྦྱོང་ཚིག་བརྒྱད་མ་མ་རྫོགས་བར་གཟའ་མཇུག་ཚང་མར་སློབ་ཁྲིད་གནང་རྒྱུ་རེད།
ཆུ་ཚོད། ཁེ་ན་ཌ་ཊོ་རོན་ཊོན་གྱི་དུས་ཚོད། སྔ་དྲོ་ཆུ་ཚོད་ ༡༠:༠༠ པ་ནས་ ༡༡ བར་ཡིན།
དྲྭ་ཐོག་ཚོགས་ཡུལ། གུ་གེལ་དྲྭ་ཐོག་ཚོགས་ས།
ཐོ་འགོད་དོད། ཁེ་སྒོར་ ༥༠ ཡིན། དགེངས་ཤོག་འགེངས་དགོས།
ཐོ་འགོད་དུས་བཀག ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢ ཉིན།
མྱུར་འཕྲིན་ཨང་རྟགས་བརྒྱུད་ནས་ཐོ་འགོད་གནང་རོགས།
སློབ་ཁྲིད་གནང་མཁན་ཁྱད་མཁས་པ་ངོ་སྤྲོད།
དགེ་བའི་བཤེས་གཉེན་ཆེན་མོ་འབྲས་བློ་གླིང་ལྷ་རམས་པ་ངག་དབང་སྐལ་བཟང་མཆོག་ནི། མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་གཞུང་ཆེན་སློབ་ཁྲིད་ཀྱིས་སློབ་མ་སྟོང་ཚོ་བརྒལ་བ་གསོ་སྐྱོང་དང་། མཁས་པའི་བགྲོ་གླེང་ཁག་ཏུ་ལེགས་བཤད་རྒྱ་ཆེར་སྩལ་ཡོད། ཞར་བྱུང་དུ་དོན་གཉེར་ཅན་རྣམས་ལ་སྒོམ་ཁྲིད་དང་། བློ་སྦྱོང་། དྲན་པ་ཉེར་གཞག་སོགས་ནང་ཆོས་འཆད་ཉན་ཁོ་ནས་དུས་འདའ་བར་མཛད་བཞིན་བཞུགས་ཡོད་པ་རེད། ལས་གཞི་འདིར་ཪོགས་དངུལ་གནང་མཁན། བོད་ཀྱི་ཐེབས་རྩ་ཡིན་པས་ཐུགས་རྗེ་ཆེ།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་ཕྱི་ལོ་༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན།


