༄༅།། འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཨོ་ཊ་ཝར་གནས་སྡོད་བོད་ཕྲུག་ཚོའི་ཆེད་དུ་དམིགས་བསལ་དབྱར་ཁའི་སློབ་སྦྱོང་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་དབྱར་ཁའི་སློབ་སྦྱོང་དེ་ནི་“ཨོ་ཊ་ཝ་བོད་ཀྱི་གྲོགས་པོ་ཚོགས་པ་”ནས་མཐུན་འགྱུར་རོགས་རམ་གནང་ཞིང་། ང་ཚོའི་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་པདྨ་རྣམ་རྒྱལ་ལགས་ཀྱིས་སྣེ་འཁྲིད་འོག ཉིན་གསུམ་རིང་བོད་ཀྱི་སྲོལ་རྒྱུན་འཚོ་བའི་གོམས་གཤིས་ཉམས་གསོག་དང་། སྲོལ་རྒྱུན་ཞལ་ལག་བཟོ་སྟངས། བོད་ཀྱི་སྒོ་ཕྱུགས་རྟ་གཡག་གཉིས་གསོ་སྐྱོང་དགོས་མཁོའི་སྐོར་དངོས་སུ་ཉམས་མྱོང་གསོག་རྒྱུའི་དབྱར་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།
ཟླ་ཚེས་དང་ས་གནས།
- ཚེས་གྲངས། ཕྱི་ཟླ་ ༨ ཚེས་ ༩ ནས་ཚེས་ ༡༡ བར། (ཉིན་གསུམ།)
- དུས་ཚོད། ཞོགས་པའི་ཆུ་ཚོད་ ༡༠:༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༣:༠༠ བར།
- མཉམ་ཞུགས་པ། ཨོ་ཊ་ཝར་གནས་སྡོད་བོད་ཕྲུག་ཚོ་ཁོ་ནའི་ཆེད་དུ་ཡིན།
- ཐོ་འགོད་གནང་སའི་དྲ་ཐག https://forms.gle/LAZ4GzRcqmVrLcn48
བྱེད་སྒོ་གཙོ་བོ་ཁག་
- རྟ་བཞོན་རྒྱུ། “ཨོ་ཊ་ཝ་བོད་ཀྱི་གྲོགས་པོ་ཚོགས་པ་”ནས་རོགས་རམ་གྱིས་ས་གནས་སུ་རྟ་བཞོན་རྒྱུ་དང་རང་བྱུང་ཁམས་ལ་ལོངས་སྤྱོད་རྒྱུའི་དམིགས་བསལ་ཉིན་མོ་ཞིག
- གཡག་གི་ར་བར་ལྟ་སྐོར། འབྲོག་རྭར་གཡག་ལ་ལྟ་སྐོར་དུ་འགྲོ་རྒྱུ།
- མདའ་འཕེན་རྒྱུ། མདའ་འཕེན་སྦྱོང་བརྡར་དང་མདའ་འཕེན་འགྲན་སྡུར།
- མོག་མོག་བཟོ་སྟངས་སློབ་ཚན། ཚང་མས་དགའ་མོས་ཡོད་པའི་བོད་ཀྱི་སྲོལ་རྒྱུན་ཞལ་ལག་མོག་མོག་བཟོ་སྟངས་སློབ་རྒྱུ།
- རྩམ་པ་བཟོ་སྟངས་སློབ་ཚན། བོད་པའི་སྲོལ་རྒྱུན་ཟས་གཙོ་བོ་རྩམ་པ་འཐག་སྟངས་སྐོར་གྱི་སྦྱོང་བརྡར་སོགས་ཡོད།
གསལ་བཤད། ས་མིག་ཚད་བཀག་ཡོད་པས་བུ་ཕྲུག་གི་མིང་འགོད་གང་མགྱོགས་གནང་རོགས། འབྲེལ་བ་གནང་ཡུལ། ཁ་པར་ཨང་གྲངས། ༦༡༣-༤༠༨-༨༢༠༤ གློག་འཕྲིན། [email protected]
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ཀྱི་སྐོར།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས། སྲོལ་རྒྱུན་བཅས་གཅེས་ཉར་དང་རྒྱུན་འཛིན་བྱེད་རྒྱུར་དམིགས་པ་ཞིག་ཡིན། སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་གྱི་ལས་གཞི། མཉམ་འབྲེལ་བཅས་ཀྱི་བརྒྱུད་ནས་གཞོན་སྐྱེས་ཚོར་ནུས་སྟོབས་གོང་སྤེལ་དང་། སྤྱི་ཚོགས་ནུས་ཤུགས་ཆེ་རུ་གཏོང་བ། ང་ཚོའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་ཐབས་ལ་འབད་བརྩོན་གྱི་ལས་དོན་ཞུ་མུས་སུ་ཡིན།།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༠ ཉིན།

